​༢༠༢༡ལོའི་ཀན་ལྷོ་ཁུལ་གྱི་དཔྱིད་དུས་ལས་མི་བསྡུ་བའི་བྱ་འགུལ་དང་རྨ་ཆུ་རྫོང་གི་ས་གནས་ལས་མི་བསྡུ་བའི་ཚོགས་འདུ་འཚོགས།

ཟླ་ཚེས།:2021-03-30 ཀློག་གྲངས:92

     ཟླ་༣ཚེས་༢༣ཉིན།  ༢༠༢༡ལོའི་ཀན་ལྷོ་ཁུལ་གྱི་དཔྱིད་དུས་ལས་མི་བསྡུ་བའི་བྱ་འགུལ་དང་རྨ་ཆུ་རྫོང་གི་ས་གནས་ལས་མི་བསྡུ་བའི་ཚོགས་འདུ་གེ་སར་ཐང་ཆེན་དུ་འཚོགས་ཤིང་།དེ་ནི་ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་སྒྲུབ་དང། ཀན་ལྷོ་ཁུལ་ཤེས་ལྡན་མི་སྣ་སྤེལ་རེས་ལྟེ་གནས། རྨ་ཆུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་ཁུལ་བཅས་ཀྱིས་འགན་སྒྲུབ་མཛད།

    ཐེངས་འདིའི་ཚོགས་འདུར་ཤར་ནུབ་མཉམ་ལས་ཀྱི་ཐེན་ཅིན་ཁེ་ལས་དང་ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་སོགས་ཁེ་ལས༣༡གིས་ལས་གནས་༢༦༠ལྷག་མཁོ་སྤྲོད་བྱས་ཤིང་། ལས་ཀ་འཚོལ་མཁན་༥༠༠ལྷག་ལས་ལས་ཀ་འཚོལ་མཁན༨༦ལ་ལས་ཞུགས་ཀྱི་གོ་སྐབས་ཐོབ། 

    གྲོང་གསེབ་དར་སྤེལ་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་སྤྲོད་ཆེད།  ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཚོགས་འདུའི་ཡུལ་དངོས་སུ་ངལ་རྩོལ་ཁེ་དབང་སོགས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་མཛུབ་སྟོན་གྱི་ཞབས་ཞུ་མཁོ་འདོན་བྱས།།

གསར་འགོད་པ། རྟ་མགྲིན་རྡོ་རྗེ།  


རྩོམ་སྒྲིག་པ། མགོན་པོ་ཚེ་བརྟན།

ཞུ་དག་པ། ཧོར་གཙང་དོན་འགྲུབ།

ལྟ་སྐུལ་བ། ཁྲིན་ཝེ་ཕིན།

སྤྱིའི་ལྟ་སྐུལ་བ། བསོད་ནམས་རྒྱ་མཚོ།