2021-05-06
ཁྱད་དུ་འཕགས་པའི་སྐྱེ་ཁམས་དཔལ་ཡོན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་བགྲང་བྱ་༡༠༠འཁོར་བར་རྟེན་འབྲེལ་ཞུ།
ཟླ་4ཚེས་25ཉིན། རྨ་ཆུ་རྫོང་མཉམ་འདྲེས་སྨྱན་སྦྱོར་ཁང་གི་གསར་འགོད་པས་དངུལ་རྭ་གྲོང་རྡལ་གྱི་ཏང་ཡོན་ཁོར་སྲུང་དང་བླངས་རུ་ཁག་གིས“མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱས་ནས‘གནོད་མེད་ལྔའི་ཀན་ལྷོ’གསར་བ་འཛུགས་སྐྲུན་སྐུལ་འདེད་གཏོང་བའི” གནས་ཚུལ་ལ་རྒྱུས་ལོན་བྱས།
ཏང་ཡོན་དང་བླངས་པ་འདི་ཚོས་ད་ལོའི་སྤྱི་ཟླ་3པའི་ཚེས་25ཉིན་ནས་བཟུང་གད་སྙིགས་བསྡུ་མགོ་བརྩམས་པ་དང་། ད་སྔ་རྨ་ཆུ་རྫོང་ཁོངས་ཀྱི་ས་ལམ་སྤྱི་ལེ་130ལྷག་གི་གད་སྙིགས་གཙང་སེལ་བྱས་ཡོད་ལ། ཐོག་མའི་འཆར་འགོད་ལྟར་ན་ཟླ་ངོ་གསུམ་གྱི་རིང་ས་ལམ་སྤྱི་ལེ་433ཡས་མས་ཀྱི་གད་སྙིགས་གཙང་སེལ་བྱེད་རྩིས་ཡོད་ཟེར།
གསར་འགོད་པ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། སངས་རྒྱས་སྐྱབས།
རྩོམ་སྒྲིག་འགན་འཁུར་བ། པད་མ་ཚེ་རིང་།
ཞུ་དག་པ། ཧོར་གཙང་དོན་འགྲུབ།
ལྟ་སྐུལ་བ། ཁྲིན་ཝེ་ཕིན།
སྤྱིའི་ལྟ་སྐུལ་བ། བསོད་ནམས་རྒྱ་མཚོ།